「艾(E)」字萬法生源中,「明覺(瑞克)」三身離聚散,
「貝瑪」炯内心中住,「昆桑」普賢作頂戴,
虔信因果、於教法,真心實意恆勤行。
善士汝於濁世中,願如燈炬明燦耀!
願如山嶽恆堅固!願如虛空廣浩瀚!
譯者:趙雨青
༄༅། །ཨེ་ཡིག་ཆོས་ཀྱི་འབྱུང་གནས་སུ། །རིག་པ་སྐུ་གསུམ་འཕྲོ་འདུ་བྲལ། །
པདྨ་འབྱུང་གནས་སྙིང་ལ་བཞུགས། །ཀུན་བཟང་སྤྱི་བོའི་གཙུག་ཏུ་བསྐུར། །
རྒྱུ་འབྲས་ཡིད་ཆེས་བསྟན་པ་ལ། །ལྷག་བསམ་ཟོལ་མེད་རྟག་ཏུ་བརྩོན། །
སྐྱེས་བུ་ཁྱོད་ཉིད་སྙིགས་དུས་སུ། །སྒྲོན་མ་ལྟ་བུར་གསལ་གྱུར་ཅིག །
རི་བོ་བཞིན་དུ་བརྟན་གྱུར་ཅིག །ནམ་མཁའ་བཞིན་དུ་རྒྱས་གྱུར་ཅིག །
ཅེས་པའང་ཨེ་རིག་པདྨ་ཀུན་བཟང་ཕྲན་ཆུང་ངུའི་དུས་ནས་འབྲེལ་བ་ཆེ་བ་མ་ཟད་དམ་པ་དུ་མའི་སྤྱན་སྔར་ཆོས་འབྲེལ་མཐའ་ཡས་པ་ལྷན་དུ་ཐོབ་པའི་རྡོ་རྗེ་མཆེད་པོའང་ཡིན་པ་དང་། ལྷག་པར་དུ་དེང་སང་ནུབ་ཕྱོགས་སུ་རྒྱལ་བའི་བསྟན་པ་ལ་རྒྱུ་མཚན་ཤེས་པའི་དད་པ་དང་འདུན་པ་རིག་པ་དང་རྐང་པར་ལྡན་པ་ཐོབ་པ་ཤིན་ཏུ་ཉུང་བའི་གྲལ་དུ་འབུར་འཐོན་དུ་ཡོད་པ་མཐོང་ཆོས་མྱོང་འགྱུར་ཡིན་པ་དང་། ཉེ་འཆར་འཕགས་ཡུལ་རྡོ་རྗེ་གདན་དུ་ཨེ་རིག་གང་ཉིད་ཀྱི་སློབ་ཕྲུག་དང་དེ་མིན་འབྲེལ་ཡོད་འགའ་ཤས་ཤིག་གིས་རིང་དུ་འཚོ་བའི་སྨོན་འདུན་འབྲི་དགོས་ཞེས་བསྐུལ་མ་བྱུང་བ་ལྟར་རྗེས་སུ་ཡི་རངས་དང་བཅས་ཏེ་རྫོང་སར་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་བྲིས་པའོ།། །།